To the Tibetans who are protesting against Apple - TopicsExpress



          

To the Tibetans who are protesting against Apple Company. ཀུ་ཤུ་བཟོ་ཚོང་ཁང་ལ་ངོ་རྒོལ་བྱེད་མཁན་བོད་མི་ཚོར་ཕུལ་བ། Recently through media, we knew that Tibetans are protesting against Apple as the Company’s Supplier (Pegatron Factory) in China is discriminating and refusing to hire minority ethnic groups including Huis, Tibetans and Uighurs as laborers in mainland China. Initially, Foxconn Company founded by Terry Gou from Taiwan makes wireless products of Samsung, Nokia and Apple. His company is based in Shenzhen and Kunshan in mainland China, where tens of thousands of laborers protested to seek worker rights and wages and even some workers committed suicide. In July, according to recent China Labor Watch Report, chinalaborwatch.org/news/new-459.html, Pegatron Group, a major supplier to Apple violates labor rights specifically on hiring ethnic minority workers including Tibetan which triggered some of the exile Tibetan accusation and later protest against Apple. Tibetans in New York protested against three Apple store to highlight the discriminatory labor hiring practices in China. This protest is wrong in three main reasons. 1.Protest against Apple is a wrong target. Pegatron’s discrimination against Tibetans and Huis, etc. while hiring are unfair practices that is not only Apple’s fault as it is prevalent in all major gadget producing Industries of China. The labor problem with Apple’s Supplier is related directly with Government’s labor rights and policies. So protest against Apple is wrong. 2.Losing focus of protest, grabbing branches than root. As one who know well about how the majority of Tibetans in Tibetan region makes living and perspectives, reports coming from Mainland China about unfair labor rights is not a major issue for Tibetans. As few or minor percentage of Tibetan population seeks job in mainland China. Cases of racial discrimination and repression are happening in Tibetan region. Tibetans struggling in their daily lives with Chinese intimidation are directly relevant issues. So, from the perspective of majority of Tibetan people struggling with challenges each day due to direct governmental minority policy, protesting against Apple is losing focus and grabbing to branches than root. 3. Protesting against apple is ungrateful act to gracious one. When Tibetan people’s culture and heritage are declining, especially from 2008 When China removed International standard Tibetan font from the computer, Tibetans inside and outside Tibetan started using different types of Tibetan Font in each web page creating challenges in reading and using Tibetan font of each other in a standard way. But later in all Apple products, out of hundreds of languages, Apple included 50 International languages in their products including Tibetan Font. That helped Tibetans inside and outside Tibet at this internet era to communicate without needing to download as Tibetan language Font as it is in the automatic set up of the products like I-Phone and I-Pad equally like other languages. Also the Font is named “Tibetan”. If Apple prioritize on profit, then adding Tibetan Font will not serve them, as Tibetan language users are not comparable and worth to consider in the market value. For us, including Tibetan Font in Apple products gave us a hand to preserve and use our language in internet era, a political gain and improves inside and outside Tibetan connection. So, we have to consider the law of causality (legyudae) and logic rather than to head towards political activist’s seizing protest opportunity. It will be our loss than a gain to protest against Apple. Contrarily, Educated Tibetans inside Tibet appreciated and felt grateful to Apple as Tibetan Language is the soul of the Nation. Protesting against the company that is grateful to Tibetans is a sad thing. Above opinions are also shared by some Educated Tibetans inside Tibet. ཀུ་ཤུ་བཟོ་ཚོང་ཁང་ལ་ངོ་རྒོལ་བྱེད་མཁན་བོད་མི་ཚོར་ཕུལ་བ། ཉེ་བའི་ཆར་གསར་འགྱུར་རྒྱུད་ལམ་ཁག་ཏུ་བོད་མི་ཚོས་ཀུ་ཤུ་བཟོ་ཚོང་ཁང་ལ་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་རིམ་པས་སླེབས་སོང་། དེའི་རྒྱུ་མཚན་གཙོ་བོ་ནི་ཀུ་ཤུ་རྟགས་ཅན་གྱི་བཟོ་ཚོང་ཁང་གི་ཐོན་རྫས་བཟོ་བསྐྲུན་བྱེད་མཁན་གྱི་རྒྱ་ནག་གི་འཕྲུལ་རིགས་ཐོན་རྫས་བཟོ་བསྐྲུན་ཁང་ཁག་གིས་གྲངས་ཉུང་མི་རིགས་ཀྱི་ལས་བཟོ་བའི་ལས་ཀ་བཀག་སྡོམ་བྱེད་པའི་དོན་རྐྱེན་ལས་བྱུང་འདུག རྒྱ་ནག་ནང་དུ་ཐོག་མར་Foxconn( 富士康)བཟོ་ལས་ཁང་ནི་ཐེ་ཝན་གྱི་རྒྱ་རིགས་ཚོང་བ་སྐད་གྲགས་ Terry Gou(郭台銘)གསར་འཛུགས་གནང་བའི་དེང་རབས་ཆ་འཕྲིན་འཕྲུལ་ཆས་བཟོ་ལས་ཁང་ཞིག་ཡིན་པ་དང་། བཟོ་ལས་ཁང་འདི་ཡིས་Samsung,Nokia,Appleལ་སོགས་པའི་བརྡ་འཕྲིན་དུས་རབས་ཀྱི་ཆ་འཕྲིན་འཕྲུལ་ཆས་མང་པོའི་ཐོན་རྫས་བཟོ་བསྐྲུན་བྱེད་བཞིན་ཡོད། སྔོན་མ་ཡིན་ན་རྒྱ་ནག་ནང་གི་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་རིགས་མ་ལག་བཟོ་ལས་ཁང་གཅིག་པུ་དེ་ཡིན་ཡང་། ༢༠༡༣ལོར་རྒྱ་ནག་གི་༼和硕联合科技股份有限公司༽ཞེས་པ་ Pegatron་རྩིས་འཁོར་གཙོས་པའི་ཆ་འཕྲིན་ཐོན་རྫས་བཟོ་ལས་ཁང་འདི་ཡང་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་རིགས་མ་ལག་བཟོ་བར་མཉམ་ལས་གན་རྒྱ་བཞག་ཡོད། ཡིན་ན་ཡང་འཕྲུལ་རིགས་མ་ལག་གི་ཐོན་རྫས་བཟོ་བསྐྲུན་ཁང་འདི་དག་ནི་ཀུ་ཤུ་རྟགས་ཅན་ཁོ་ནའི་ཚོང་རོགས་མ་ཡིན་པར། ་Samsung Nokia ལ་སོགས་པའི་འཛམ་གླིང་གི་འཕྲུལ་རིགས་ལག་རྩལ་གྱི་ཐོན་རྫས་མང་པོ་དང་མཉམ་ལས་གན་རྒྱ་བཞག་ཡོད། གང་ལྟར་རྒྱ་ནག་ནང་ཡོད་པའི་ཀུ་ཤུ་རྟགས་ཅན་གཙོས་པའི་འཕྲུལ་རིགས་མ་ལག་བཟོ་མཁན་གྱི་བཟོ་ལས་ཁང་རྣམས་shanghai དང་shengzheng kunshaལ་སོགས་པའི་རྒྱ་གཏིང་གི་གྲོང་ཁྱེར་ཁག་ཏུ་ཡོད། སྤྱིར་བཏང་རྒྱལ་སྤྱིའིོ་གསར་འགྱུར་རྒྱུད་ལམ་ཁག་ཏུ་བཟོ་ལས་ཁང་འདི་ཚོའི་ནང་དུ་ལས་བཟོ་བ་ཁྲི་སྟོང་མང་པོ་ཡོད་པ་ ལས་ལས་བཟོ་བའི་ཐོབ་ཐང་དང་གླ་ཆའི་ཡོང་འབབ་སོགས་ཀྱི་ཐད་ནས་གཞི་རྩའི་ཁྲིམས་མེད་ལུགས་མེད་ཡིན་པར་ངོ་རྒོལ་རབ་དང་རིམ་པ་བྱུང་ཡོད་ལ། ལས་བཟོ་བ་རང་ཤི་བརྒྱབ་པ་ལ་སོགས་པའི་གནས་ཚུལ་བྱུང་མྱོང་ཡོད། ཐེངས་འདིར་བཟོ་ལས་ཁང་འདི་ཡིས་ལས་བཟོ་བ་བསྡུ་ལེན་བྱེད་པར་ཞིན་ཅང་དང་བོད་ལ་སོགས་པའི་གྲངས་ཉུང་མི་རིགས་ཁག་གི་ལས་བཟོ་བ་བཀག་སྡོམ་བྱེད་ཡོད་པའི་སྙན་ཐོ་ཕྱི་ལ་ཐོན་ཡོད། གནས་ཚུལ་དེ་ཕྱི་ལ་ཐོན་རྗེས། གཞུང་འབྲེལ་མིན་པའི་བོད་མིའི་ཚོགས་པ་ཁག་དང་མི་སྒེར་ལས་འགུལ་བ་ཁག་ཅིག་གཅིག་རྗེས་གཉིས་མཐུད་དུ་རི་བོང་ཅལ་འགྲོགས་ཀྱི་ཚུལ་གྱིས། ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་ལ་དྲ་ལམ་ནས་ངོ་རྒོལ་རྒྱུད་དེ། རིམ་བཞིན་ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་གི་ཀུ་ཤུ་བཟོ་ལས་ཁང་ཆེན་པོ་གསུམ་གྱི་སྒོ་མདུན་དུ་སོང་ནས་ངོ་རྒོལ་བྱེད་སོང་། སྤྱིར་རྒྱ་ནག་ནང་གི་ལས་བཟོ་བའི་ཐོབ་ཐང་དང་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱ་དགོས་པ་ནི་ད་ལྟའི་དུས་ཚོད་འདི་ཁོ་ན་མ་ཡིན་པར་ནམ་རྒྱུན་ནམ་ཡང་ན་རྒྱ་ནག་ནང་བཅོས་བསྒྱུར་མ་བྱུང་བར་དུ་ངོ་རྒོལ་བྱ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཡིན་ན་ཡང་བོད་མི་ཚོས་དྲིན་ཆེན་ལ་དྲིན་ལོག་དང་གཡང་ལ་རྡོ་ཁ་བྱེད་པ་ནི་ཡིད་སྐྱོ་ཞིང་། ཆབ་སྲིད་ལས་འགུལ་བ་ཚོས་བོད་མིའི་རྩ་དོན་གྱི་གནད་ཀྱི་དམ་པ་བོེར་ཏེ་ཡལ་ཀ་ལ་འཇུ་བར་དགའ་བའི་རྣམ་པ་གསལ་བོར་བསྟན་ཡོད། ཀུ་ཤུ་བཟོ་ལས་ཁང་ལ་བོད་མིས་ངོ་རྒོལ་བྱེད་པའི་ནོར་འཁྲུལ། ༡༽ ངོ་རྒོལ་བྱེད་ཡུལ་ནོར་བ། ཀུ་ཤུ་རྟགས་ཅན་གྱི་འཕྲུལ་རིགས་མ་ལག་གི་ཐོན་རྫས་བཟོ་བསྐྲུན་ཁང་དེ་ཡིས་བོད་དང་ཞིན་ཅང་ཡུ་གུར་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ལ་ལས་ཀ་མི་སྤྲོད་པ་ནི། ཀུ་ཤུ་རྟགས་ཅན་གཙོ་བྱེད་པའི་རྒྱལ་སྤྱིའི་ཚོང་རྭར་བེད་སྤྱོད་བྱེད་བཞིན་པའི་ཆ་འཕྲིན་འཕྲུལ་ཆས་ཀྱི་བཟོ་ཚོང་ཁང་མང་པོ་དང་འབྲེལ་བ་ཡོད་པ་ལས་ཀུ་ཤུ་རྟགས་ཅན་ཁོ་ནར་འབྲེལ་བ་ཡོད་པ་ཞིག་མ་ཡིན་པ། དེ་བཞིན་ཀུ་ཤུ་རྟགས་ཅན་བཟོ་ལས་ཁང་དེ་དང་མཉམ་ལས་ཀྱི་ཚོང་རོགས་ཡིན་ཡང་། རྒྱ་ནག་རྒྱལ་ཡོངས་ཀྱི་ལས་བཟོ་བའི་སྲིད་ཇུས་དང་ཐོབ་ཐང་ལ་འབྲེལ་བ་ཡོད་པས། ཐད་ཀར་ཀུ་ཤུ་རྟགས་ཅན་བཟོ་ཚོང་ཁང་ལ་ངོ་རྒོལ་བྱེད་པ་ནི་ནོར་འཁྲུལ་ཡིན་པ། ༢༽ངོ་རྒོལ་བྱ་དགོས་པའི་རྩ་དོན་བོར་ཏེ་ཡན་ལག་ལ་འཇུས་པ། རྒྱ་གཏིང་གི་གྲོང་ཁྱེར་ཁག་ཏུ་མི་རིགས་དབྱེ་འབྱེད་ཀྱི་བཟོ་ཚོང་ཁང་ཁག་གིས་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད་ཀྱི་བརྡ་ཐོ་ག་ཚོད་བཀྲམས་ཀྱང་། དོན་དངོས་སུ་བོད་ནང་གི་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་དང་བསམ་བློ་ཁྱེར་སྟངས་ལ་རྒྱུས་ལོན་ཡོད་མཁན་ཞིག་གི་ངོས་ནས་བཤད་ན། རྒྱ་གཏིང་གི་གྲོང་ཁྱེར་དེ་ཚོ་རུ་བོད་མི་ལས་བཟོ་བ་མཉམ་ཞུགས་བྱེད་མཁན་ཧ་ཅང་གིས་ཉུང་ཉུང་དང་ཡང་ན་ཕལ་ཆེར་དཀོན་པོ་ཆགས་ཡོད། ཕལ་ཆེར་མི་རིགས་དབྱེ་འབྱེད་དང་མི་རིགས་ལ་དྲག་གནོན་གཏོར་བཅོམ་གྱི་གནས་ཚུལ་ཐབས་སྡུག་ཛ་དྲག་ཅན་བོད་ནང་དུ་འབྱུང་བཞིན་ཡོད་ལ། བོད་མི་ཚོས་སོ་སོའི་ས་ཐོག་ཏུ་ཉི་མ་རེ་རེར་འཚོ་བ་སྐྱེལ་སར་རྒྱ་ནག་གི་བརྙས་བཅོས་བྱེད་བཞིན་པ་རྣམས་ནི་གཞི་ནས་ཐད་ཀར་འབྲེལ་བ་ཆགས་ཡོད། བོད་ནང་གི་བོད་མི་ཚོའི་ཉི་མ་རེ་རེ་ཡི་འཚོ་བའི་ཁྲོད་ཀྱི་རྒྱ་ནག་གི་བརྙས་བཅོས་ལ་མཚོན་ནས་བཤད་ན། ངོ་རྒོལ་བྱ་དགོས་སའི་རྩ་དོན་བོར་ཏེ་ཡན་ལག་ལ་འཇུས་པ་ནི་ནོར་འཁྲུལ་ལོ། ༣༽ཀུ་ཤུ་བཟོ་ཚོང་ཁང་ལ་ངོ་རྒོལ་བྱས་པ་ནི་དྲིན་ཆེན་ལ་དྲིན་ལོག་རེད། མི་རིགས་ཀྱི་རིག་གནས་ཉམས་རྒུད་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་སྤྱི་ལོ་༢༠༠༨ལོ་ནས་རྒྱ་ནག་གཞུང་གིས་བོད་ནང་གི་རྒྱལ་སྤྱིའི་བརྡ་རྟགས་ཅན་གྱི་ཡིག་གཟུགས་མང་པོ་རྩིས་འཁོར་དུ་བེད་སྤྱོད་མེད་པར་བཏང་བ་ནས་བཟུང་། བོད་ཕྱི་ནང་གི་བོད་མི་ཚོས་དྲ་ཚིགས་གཅིག་ཡིན་ཡང་ཐུན་མོང་གིས་བེད་སྤྱོད་གཏོང་མ་ཐུབ་པའི་གནས་ཚུལ་བྱུང་ཡོད་ལ། དེའི་རྗེས་ཕལ་ཆེར་ས་ཁུལ་རེ་རེ་ལ་བོད་ཡིག་གི་ཡིག་གཟུགས་འདྲ་མིན་ཐོན་ཏེ་བོད་མི་ཚོས་གཅིག་གྱུར་གྱི་ཡིག་གཟུགས་ཤིག་བོད་ཡིག་བརྡ་འཕྲིན་ནང་བེད་སྤྱོད་གཏོང་མ་ཐུབ་པར་གནས་སྐབས་རིང་དཀའ་ངལ་མང་པོ་འཕྲད་ཡོད་ལ། གལ་ཏེ་གཏོང་ཐུབ་ཀྱང་ཕབ་ལེན་བྱ་དགོས་པ་ལ་སོགས་པའི་དཀའ་ངལ་མང་པོ་རྒྱུད་དགོས་ཀྱིན་ཡོད། ཡིན་ན་ཡང་ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་གིས། ཁོ་ཚོའི་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་རིགས་ཚང་མའི་ནང་དུ་འཛམ་གླིང་གི་སྐད་ཡིག་སྟོང་ཕྲག་མང་པོ་ནས་སྐད་ཡིག་༥༠འདེམས་ཐོན་བྱུང་བའི་ནང་། བོད་ཡིག་དེ་ཚུད་ཡོད་ལ། དེ་ནས་བཟུང་བོད་ཕྱི་ནང་གི་བོད་མི་ཚོས་བརྡ་འཕྲིན་དུས་རབས་འདིར་མི་རིགས་གཞན་པ་ལྟར་བོད་ཡིག་ཕབ་ལེན་བྱ་མི་དགོས་པར་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་རིགས་ཚང་མའི་ནང་དུ་གཅིག་གྱུར་བརྡ་རྟག་ཅན་གྱི་བོད་ཡིག་ཡིག་གཟུགས་གང་འདོད་དུ་བཀོལ་ཐུབ་པ་གྱུར་ཡོད། ད་དུང་ཡིག་གཟུགས་ཀྱི་མིང་ལ་ཡང་Tibetanཞེས་བྲིས་ཡོད། ༼འཕྲུལ་རིགས་བཟོ་ལས་ཁང་ཁ་ཤས་ཀྱིས་མིང་འདི་བེད་སྤྱོད་གཏོང་འདོད་བྱེད་ཀྱིན་མེད་༽ གལ་ཏེ་ཀུ་ཤུ་བཟོ་ལས་ཁང་གིས་ཚོང་ར་གཙོ་འཛིན་བྱེད་པ་ཡིན་ན་བོད་མིའི་མི་འབོར་ནི་འཛམ་གླིང་ཚོང་གི་ཁ་ཕྱོགས་ལ་ལྟ་གྲངས་དང་སྡུར་ཐབས་མེད། དེ་བས་ང་ཚོས་ཆབ་སྲིད་ཀྱི་ཐད་ནས་ཡིན་ན་འདྲ། སྐད་ཡིག་གི་ཐད་ནས་ཡིན་འདྲ། བོད་ཕྱི་ནང་གི་འབྲེལ་ཐག་གི་ལམ་ནས་བཤད་ན་འདྲ། ཀུ་ཤུ་བཟོ་ལས་ཁང་གིས་དུས་རབས་འདིའི་ཁྲོད་དུ་བོད་མི་ཚོའི་རྩ་དོན་སྐད་དང་ཡི་གེ་ལ་རླབས་ཆེན་གྱི་ལག་པ་སྲིངས་ཡོད་པས། ང་ཚོས་ལས་རྒྱུ་འབྲས་དང་གནས་ལུགས་ཀྱི་མགོ་ཁུངས་ལ་ལྟ་དགོས་པ་ལས། ཆབ་སྲིད་ལས་འགུལ་བས་རྩ་དོན་དང་གནས་ལུགས་བཞག་ནས། གོ་སྐབས་ཡོད་ཚད་ལ་ངོ་རྒོལ་བྱེད་ཡུལ་ནོར་བ་དང་སྐད་ཅོར་རྒྱབ་ན་ང་ཚོར་གྱོང་ལས་ཁེ་མེད་ལ། ལྷག་པར་དུ་སྐད་ཡིག་ནི་རང་གི་སྲོག་ལྟར་བརྩི་བཞིན་པའི་བོད་ནང་གི་ཤེས་ལྡན་མི་ཚོས་ཀུ་ཤུ་ཚང་ལ་བསྟོད་གླུ་དང་བཀའ་དྲིན་ཞུ་བཞིན་ཡོད། ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་གི་ཀུ་ཤུ་རྟགས་ཅན་གྱི་བཟོ་ཚོང་ཁང་གི་སྒོ་མདུན་ནས། འཛམ་གླིང་འདིའི་ཐོག་རང་རེའི་བོད་ལ་སྐུ་དྲིན་ཆེ་བའི་བཟོ་ཚོང་ཁང་འདི་ངོ་ཚ་གཏོད་བཞིན་པ་ནི་བློ་ཕམ་སྐྱེས་དགོས་པ་ཞིག་རེད་དོ། བསམ་ཚུལ་འདི་ནི་བོད་ནང་གི་ཤེས་ལྡན་བོད་མི་སྐོར་ཞིག་གི་བསམ་ཚུལ་ཡང་ཡིན།
Posted on: Fri, 09 Aug 2013 11:57:45 +0000

Trending Topics



Recently Viewed Topics




© 2015